ནང་དོན་དུ་མཆོང་

ནང་གི་རྒྱལ་ཁབ

ནང་སེམས་ཀྱི་གནས་སྟངས་ཕྱི་དོན་གྱི་གནས་སྟངས་དང་མཐུན་པར་སྦྱོར་ཐུབ་པ་ནི་བློ་གྲོས་དང་ལྡན་པའི་སྒོ་ནས་འཚོ་བ་སྐྱེལ་ཤེས་པ་ཞིག་ཡིན། བློ་གྲོས་དང་ལྡན་པའི་སྒོ་ནས་མྱོང་བའི་དོན་དག་གང་ཞིག་ཡིན་རུང་དེའི་འབྲེལ་ཡོད་ཀྱི་ནང་སེམས་ཀྱི་གནས་སྟངས་ངེས་ཅན་ཞིག་དགོས་ངེས་ཡིན།

འོན་ཀྱང་བློ་ཕམ་པ་ཞིག་ལ་མི་རྣམས་ཀྱིས་རང་ཉིད་ཀྱི་མི་ཚེ་ལ་བསྐྱར་ཞིབ་བྱེད་དུས་མི་ཚེ་དེ་ཕྱིའི་དོན་དག་ཁོ་ནས་གྲུབ་ཡོད་པ་འདོད། མི་རྣམས་སྐྱོ་བ་ལ་ཐུག་སྟེ་དོན་དག་འདི་དང་འདི་བྱུང་མེད་ན་རང་ཉིད་ཀྱི་མི་ཚེ་ཡག་ཏུ་འགྲོ་ཡོད་བསམ།

ཁོ་ཚོས་བསམ་པར་རང་ཉིད་ལ་བསོད་ནམས་འཛོམས་ཏེ་སྐྱིད་པོ་ཡོང་བའི་གོ་སྐབས་ཤོར་སོང་བསམ། ཁོ་ཚོས་རང་གི་བརླགས་པ་དེ་ལ་སྡུག་ཡུས་བྱེད་ཅིང་རང་གིས་སྣང་མེད་དུ་བསྐྱུར་བའི་དོན་དག་ལ་ངུ་ཞིང་སྔོན་ཆད་ཀྱི་འཁྱོལ་མེད་དང་ཉམ་ང་དྲན་ནས་སྐྱོ་གདུང་བྱེད།

མི་རྣམས་ཀྱིས་རྟོགས་འདོད་མེད་པ་ནི་ལྗང་ལྗིང་ངེར་གནས་པ་ནི་འཚོ་བ་མིན་ཞིང་རང་རིག་གི་སྒོ་ནས་གནས་ཐུབ་པའི་ནུས་པ་ནི་རང་གི་བླ་སེམས་ཀྱི་ནང་སེམས་ཀྱི་གནས་སྟངས་ཀྱི་སྤུས་ཚད་ཁོ་ནར་རག་ལས་ཡོད། དོན་དངོས་སུ་མི་ཚེའི་ཕྱིའི་དོན་དག་ག་ཚོད་ཡག་པོ་ཡོད་རུང་གལ་ཆེན་པོ་མེད། གལ་ཏེ་དུས་དེར་ང་ཚོ་ནང་སེམས་ཀྱི་གནས་སྟངས་འོས་འཚམ་ཞིག་ཏུ་མེད་ཚེ་དོན་དག་ཡག་ཤོས་དེ་དག་ཀྱང་ང་ཚོར་སུན་སྣང་སྐྱེ་བ་དང་ཡིད་མི་དགའ་བའམ་ཡང་ན་དཀྱུས་མར་སུན་སྣང་སྐྱེ་བར་སྣང་ངེས།

མི་ཞིག་གིས་གཉེན་སྟོན་ལ་སྒུག་སྟེ་དངངས་འཚབ་སྐྱེས་བཞིན་ཡོད། དེ་ནི་དོན་དག་ཅིག་ཡིན་མོད། འོན་ཀྱང་དེ་དུས་ཀྱི་གནས་སྟངས་དེ་ལ་སེམས་ཁྲལ་བྱེད་དྲགས་ན་དོན་དག་དེའི་ནང་ནས་དགའ་སྤྲོའི་ཚོར་བ་གང་ཡང་མི་སྐྱེ་བ་དང་ཡོད་ཚད་ཆོ་ག་ལྟར་སྐམ་ཞིང་གྲང་མོར་འགྱུར་སྲིད།

ཉམས་མྱོང་གིས་ང་ཚོར་བསླབས་པ་ལྟར་ན་སྟོན་མོའམ་གར་སྟེགས་ལ་ཞུགས་པའི་མི་ཚང་མས་དགའ་སྤྲོ་མྱོང་མི་ཐུབ། དགའ་སྟོན་ཡག་ཤོས་དེའི་ནང་དུའང་སུན་སྣང་སྐྱེ་མཁན་ཞིག་མི་འདུག་པ་མེད། བཟའ་བཏུང་ཞིམ་ཤོས་ཀྱིས་མི་འགའ་རེར་དགའ་བ་སྟེར་ཞིང་ཁ་ཤས་ངུ་བར་བྱེད།

ཕྱིའི་དོན་དག་དང་ནང་སེམས་ཀྱི་གནས་སྟངས་འོས་འཚམ་ཞིག་ཏུ་གསང་བའི་སྒོ་ནས་སྦྱོར་ཤེས་མཁན་ནི་ཧ་ཅང་དཀོན། མི་རྣམས་ཀྱིས་རང་རིག་གི་སྒོ་ནས་འཚོ་བ་སྐྱེལ་མི་ཤེས་པ་ནི་བློ་ཕམ་པ་ཞིག་རེད། དགོད་དགོས་དུས་ངུ་ཞིང་ངུ་དགོས་དུས་དགོད།

ཚོད་འཛིན་བྱེད་པ་ནི་མི་འདྲ་སྟེ། མཁས་པ་ནི་དགའ་སྤྲོ་ཆེ་ནའང་ནམ་ཡང་འཚུབ་ཆ་དོད་པའི་སྨྱོ་འབོག་གིས་ཁེངས་མི་སྲིད། སྡུག་བསྔལ་ཆེ་ནའང་ནམ་ཡང་སེམས་ཤུགས་ཆག་སྟེ་སྐྱོ་སྡུག་བྱེད་མི་སྲིད། དྲག་སྤྱོད་ཀྱི་དཀྱིལ་དུ་ཞི་བདེར་གནས་ཤིང་འཁྲིག་སྤྱོད་ཀྱི་དཀྱིལ་དུ་གཙང་སྦྲ་བྱེད་ཅིང་འདོད་པའི་དཀྱིལ་དུ་བཙུན་པར་སྡོད།

སེམས་སྐྱོ་ཞིང་རེ་བ་མེད་པའི་མི་རྣམས་ཀྱིས་མི་ཚེའི་སྐོར་ལ་སྡུག་ཤོས་དེ་བསམ་ཞིང་དྲང་པོར་བཤད་ན་འཚོ་འདོད་མེད། ཉིན་རེ་བཞིན་ང་ཚོས་མི་དེ་འདྲ་མཐོང་སྟེ་ཁོ་ཚོ་རང་ཉིད་སྐྱིད་པོ་མེད་པ་ཙམ་མ་ཟད་ཐ་ན་དེ་བས་སྡུག་པ་ནི་མི་གཞན་གྱི་མི་ཚེའང་ཁ་ཏིག་ཏིག་ཏུ་བཟོ་བཞིན་ཡོད།

གལ་ཏེ་མི་དེ་འདྲ་ཉིན་ལྟར་དགའ་སྟོན་གྱི་ནང་དུ་བསྡད་ནའང་འགྱུར་བ་མི་འགྲོ། སེམས་ཁམས་ཀྱི་ནད་དེ་ཁོ་ཚོའི་ནང་དུ་འཁྱེར་ཡོད། མི་དེ་དག་ལ་གཏིང་ནས་བསམ་སྤྱོད་ངན་པའི་གནས་སྟངས་ཡོད།

འོན་ཀྱང་མི་དེ་དག་རང་གིས་རང་ལ་དྲང་བདེན་དང་དམ་པ་དང་བཟང་སྤྱོད་དང་མཐོ་རིམ་དང་ཞབས་ཞུ་དང་དཔའ་བོར་མིང་འདོགས་བྱེད། མི་དེ་དག་ནི་རང་ལ་བརྩི་མཐོང་ཆེ་དྲགས་པ་དང་རང་ལ་དགའ་དྲགས་པའི་མི་རྣམས་ཡིན།

རང་ལ་སྙིང་རྗེ་ཆེ་དྲགས་པ་དང་ནམ་ཡང་རང་ཉིད་ཀྱི་འགན་ཁུར་ལས་གཡོལ་བའི་ཐབས་ཚུལ་འཚོལ་མཁན་གྱི་མི་རྣམས་ཡིན། མི་དེ་འདྲ་ནི་ཚོར་བ་དམའ་ཤོས་དེ་དག་ལ་གོམས་ཡོད་ཅིང་དེའི་རྐྱེན་པས་ཉིན་རེ་བཞིན་སེམས་ཀྱི་གྲུབ་ཆ་མི་མ་ཡིན་པ་ཞིག་བཟོ་བཞིན་པ་མངོན་གསལ་དུ་སྣང་།

བསོད་ནམས་མེད་པའི་དོན་དག་དང་བསོད་ནམས་ལྡོག་པ་དང་དབུལ་ཕོངས་དང་བུ་ལོན་དང་དཀའ་ངལ་སོགས་ནི་འཚོ་བ་སྐྱེལ་མི་ཤེས་པའི་མི་དེ་དག་གི་ཁྱད་ཆོས་ཁོ་ན་ཡིན། སུ་ཞིག་གིས་ཀྱང་བློ་རིག་གི་རིག་གནས་ཕྱུག་པོ་ཞིག་བཟོ་ཐུབ་མོད། འོན་ཀྱང་དྲང་པོར་འཚོ་བ་སྐྱེལ་སྟངས་སློབ་མཁན་ནི་ཧ་ཅང་ཉུང་ཉུང་རེད།

སུ་ཞིག་གིས་ཕྱིའི་དོན་དག་རྣམས་རང་རིག་གི་ནང་སེམས་ཀྱི་གནས་སྟངས་དང་དབྱེ་འབྱེད་བྱེད་འདོད་ན་དེ་ནི་དོན་དངོས་སུ་ཁོ་རང་ལ་གུས་ཞབས་དང་ལྡན་པའི་སྒོ་ནས་གནས་པའི་ནུས་པ་མེད་པ་བསྟན་པ་རེད། སུ་ཞིག་གིས་ཕྱིའི་དོན་དག་དང་ནང་སེམས་ཀྱི་གནས་སྟངས་རྣམས་རང་རིག་གི་སྒོ་ནས་སྦྱོར་སྟངས་ཤེས་ན་ཁོ་ཚོ་རྒྱལ་ཁའི་ལམ་དུ་འགྲོ་ངེས།