ནང་དོན་དུ་མཆོང་

ལྟ་མཁན་དང་བལྟ་བྱ

གལ་ཏེ་མི་ཞིག་གིས་རང་ཉིད་གཅིག་པུ་མ་ཡིན་པར་མང་པོ་ཞིག་ཡིན་པའི་ལྟ་བ་ནས་རང་ཉིད་ལ་བརྟག་དཔྱད་ནན་ཏན་བྱེད་འགོ་བཙུགས་ཚེ། ཁོ་རང་ནང་དུ་བཀལ་བའི་དངོས་པོ་དེ་དག་ལ་དངོས་སུ་ལས་ཀ་བྱེད་འགོ་བཙུགས་པ་ཧ་ཅང་གསལ་པོ་ཡིན་ལ་ཧ་ཅང་དཀའ་ཁག་མེད།

རང་བརྟག་ནང་གསང་གི་ལས་ཀ་བྱེད་པར་བར་ཆད་དང་། འགོག་རྐྱེན། འཁྱོལ་ཐབས་མེད་པ་བཟོ་མཁན་གྱི་སྐྱོན་ཆ་སེམས་ཁམས་རིག་པའི་ཐོག་ནས་གཤམ་གསལ། རྫུན་གཏམ་བཤད་རྒྱུར་དགའ་བའི་ནད། (རླབས་ཆེན་གྱི་སྒྲོ་བཏགས་ཏེ་རང་ཉིད་ལྷ་ཡིན་བསམ་པ) ། རང་མགོ་རང་འདོན། (ང་གཅིག་རྟག་པར་གནས་པར་ཡིད་ཆེས་པ་དང་རང་གི་འགྱུར་རྣམ་ལ་དགའ་ཞེན་ཆེ་བ) ། ཞེ་སྡང་གི་དབང་དུ་སོང་བའི་ནད། (མཁས་པའི་ང་རྒྱལ་དང་། རང་ལ་ཡིད་ཆེས་ཆེ་བ། རང་ཉིད་ནོར་མེད་ཡིན་བསམ་པ། ང་རྒྱལ་ཆེན་པོ་དང་། གཞན་གྱི་ལྟ་ཚུལ་མཐོང་མི་ཐུབ་མཁན་) །

མི་ཞིག་ཡིན་པར་འདོད་པ་དང་ང་གཅིག་རྟག་པར་གནས་པའི་རྨོངས་ཞེན་བཟུང་ན་རང་ཉིད་ཐོག་ལས་ཀ་ནན་ཏན་བྱེད་རྒྱུ་དེ་དཀའ་ལས་ཁག་པ་ལས་ལྷག་པ་ཞིག་ཡིན། རྟག་པར་རང་ཉིད་གཅིག་ཡིན་པར་འདོད་མཁན་ནི་རང་གི་མི་འདོད་པའི་ཆ་ཤས་དང་ཁ་བྲལ་ཐུབ་མི་སྲིད། ཁོ་རང་གིས་བསམ་བློ་དང་ཚོར་བ། འདོད་པ། སེམས་འགྱུར། དགའ་ཞེན། བརྩེ་བ་སོགས་ཚང་མ་རང་གི་ངོ་བོའི་ནུས་པའི་ཁྱད་ཆོས་སྣ་ཚོགས་པ་དང་བསྒྱུར་བཅོས་བྱེད་ཐབས་མེད་པ་ཞིག་ལ་བརྩི་ཞིང་ཐ་ན་གཞན་ལ་སྐྱོན་ཆ་དེ་དག་ནི་ཕ་མེས་ནས་བརྒྱུད་པའི་རྒྱུན་ལས་བྱུང་བ་ཡིན་ཞེས་རང་ཉིད་ཁ་གསལ་བཟོ་གི་རེད།

ང་མང་པོའི་ཆོས་ལུགས་ལ་དང་ལེན་བྱེད་མཁན་ཞིག་ཡིན་ན་བརྟག་དཔྱད་ལ་བརྟེན་ནས་འདོད་པ་རེ་རེ་དང་བསམ་བློ་རེ། བྱ་སྤྱོད་རེ། སེམས་འགྱུར་སོགས་ནི་ང་གཞན་དང་ཐ་དད་པ་རེ་རེ་ལ་འབྲེལ་བ་ཡོད་པ་ཧ་གོ་གི་རེད། རང་བརྟག་ནང་གསང་གི་རྩལ་རྩེད་པ་སུ་ཡིན་ཡང་རང་ཉིད་ཀྱི་ནང་དུ་ཧ་ཅང་ནན་ཏན་གྱིས་ལས་ཀ་བྱེད་ཅིང་རང་གི་སེམས་ཁམས་ནང་དུ་བཀལ་བའི་མི་འདོད་པའི་ཆ་ཤས་སྣ་ཚོགས་པ་དེ་དག་འབྲལ་བར་འབད་བརྩོན་བྱེད་གི་རེད།

གལ་ཏེ་སུ་ཞིག་གིས་བདེན་པ་དང་སེམས་དཀར་བཅངས་ཏེ་ནང་དུ་རང་ཉིད་ལ་བརྟག་དཔྱད་བྱེད་འགོ་བཙུགས་ཚེ་རང་ཉིད་ལྟ་མཁན་དང་ལྟ་ཡུལ་གཉིས་སུ་དབྱེ་བ་ཐོན་གི་རེད། གལ་ཏེ་དབྱེ་བ་དེ་མ་ཐོན་ཚེ་རང་བཞིན་གྱིས་ང་ཚོས་རང་ཚུགས་ཤེས་པའི་ལམ་བུ་ངོ་མཚར་ཅན་དེ་ཐོག་གོམ་པ་གཅིག་ཀྱང་མདུན་དུ་སྤོ་མི་ཐུབ་པ་གསལ་པོ་རེད། གལ་ཏེ་ང་ཚོས་ལྟ་མཁན་དང་ལྟ་ཡུལ་གཉིས་སུ་དབྱེ་འདོད་མེད་པའི་ནོར་འཁྲུལ་བྱས་ཚེ་ང་ཚོས་རང་ཉིད་ལ་ཇི་ལྟར་བརྟག་དཔྱད་བྱེད་ཐུབ།

གལ་ཏེ་དབྱེ་བ་དེ་མ་ཐོན་ཚེ་རང་ཚུགས་ཤེས་པའི་ལམ་བུ་ཐོག་ང་ཚོས་གོམ་པ་གཅིག་ཀྱང་མདུན་དུ་སྤོ་མི་ཐུབ་པ་ནི་གསལ་པོ་རེད། ང་མང་པོའི་བརྒྱུད་རིམ་ཚང་མའི་ངོ་བོར་མུ་མཐུད་གནས་པ་ནི་བསྙོན་དུ་མེད་པ་ཞིག་རེད། ང་མང་པོའི་བརྒྱུད་རིམ་སྣ་ཚོགས་པའི་ངོ་བོར་གནས་མཁན་ནི་གནས་སྟངས་ཀྱི་མནར་གཅོད་འོག་ཏུ་རྟག་པར་ཚུད་ཡོད་པ་རེད།

རང་ཉིད་མི་ཤེས་མཁན་ཞིག་གིས་ཇི་ལྟར་གནས་སྟངས་ལ་བསྒྱུར་བཅོས་བྱེད་ཐུབ། རང་ཉིད་ནང་དུ་ནམ་ཡང་རང་བརྟག་མི་བྱེད་མཁན་ཞིག་གིས་ཇི་ལྟར་རང་ཉིད་ཤེས་ཐུབ། གལ་ཏེ་སུ་ཞིག་གིས་སྔོན་ལ་རང་ཉིད་ལྟ་མཁན་དང་ལྟ་ཡུལ་གཉིས་སུ་མ་དབྱེ་ཚེ་ཇི་ལྟར་རང་བརྟག་བྱེད་ཐུབ།

ད་ལྟ་སུ་ཞིག་གིས་འདོད་པ་འདི་ནི་ངས་མེད་པར་བཟོ་དགོས་པའི་དུད་འགྲོའི་ང་ཞིག་ཡིན་ཞེས་མ་བཤད་བར་དུ་རྩ་བ་ནས་འགྱུར་བ་གཏོང་མི་ཐུབ། བསམ་བློ་ཕྲག་དོག་ཅན་འདི་ནི་ང་ལ་སྡུག་བསྔལ་སྤྲོད་མཁན་གྱི་ང་ཞིག་ཡིན་ལ་ངས་བཤིག་དགོས་པའི་ང་ཞིག་ཡིན་ཞེས། སེམས་ཚོར་འདི་ནི་ངའི་སྙིང་ལ་གནོད་འཚེ་སྐྱེལ་མཁན་གྱི་ང་ཞིག་ཡིན་ལ་ངས་རྡུལ་ཕྲན་ཆུང་ཆུང་བཟོ་དགོས་པའི་ང་ཞིག་ཡིན་ཞེས་སོགས་བཤད་མ་ཐུབ་བར་དུ་སུ་ཞིག་གིས་རྩ་བ་ནས་འགྱུར་བ་གཏོང་མི་ཐུབ་། རང་བཞིན་གྱིས་འདི་ནི་ནམ་ཡང་ལྟ་མཁན་དང་ལྟ་ཡུལ་གཉིས་སུ་མ་ཕྱེ་མཁན་ཞིག་ལ་མི་སྲིད་པ་ཞིག་རེད།

རང་གི་སེམས་ཁམས་ཀྱི་བརྒྱུད་རིམ་ཚང་མ་ང་གཅིག་དང་རྟག་པར་གནས་པའི་བྱེད་ལས་ཀྱི་ཁྱད་ཆོས་ཤིག་ལ་བརྩི་མཁན་དེ་ནི་རང་གི་ནོར་འཁྲུལ་ཚང་མའི་ངོ་བོར་གནས་པ་དང་རང་ཉིད་དང་འབྲེལ་བ་ཧ་ཅང་དམ་ཟབ་ཡོད་པར་བརྟེན་ནས་སེམས་ཁམས་ནས་འབྲལ་བའི་ནུས་པ་བོར་ཚར་ཡོད། མི་དེ་དག་ནི་རྩ་བ་ནས་འགྱུར་བ་གཏོང་མི་ཐུབ་ཅིང་ཕམ་ཉེས་ཚབས་ཆེན་འབྱུང་ངེས་ཅན་གྱི་མི་རིགས་ཡིན་པ་ནི་གསལ་པོ་རེད།